Friday 18 April 2014

AMALA

དྲན་ཆེན་ཨ་མ་།





ཨ་མ་ལགས་།
            ཁྱེད་རང་ག་པར་ཡོད་ན་། གསེར་གྱི་ཞུ་མར་པར་ཀྱང་ཁྱེད་རང་མཇལ་ཡ་མི་འདུག་།
           འཛམ་གླིང་དེ་ནང་ཨ་མ་མང་པོ་ཡོད་ལ་ཁྱེད་རང་འདྲ་བར་སུ་ཡང་མི་འདུག་།
                          གཞོགས་པ་ལང་དུས་ཨ་མ་དྲན་།
                          ཁ་ལག་བཟའ་དུས་ཨ་མ་དྲན་།
                                 ཡི་གེ་སྦྱང་དུས་ཨ་མ་དྲན་།
                         བུད་མེད་བཐོང་དུས་ཨ་མ་དྲན་།
      ཀྱེ་མ་།
            ཁྱེད་གང་དུ་བཞུགས་ཡོདཨང་།
            དུས་ནམ་ཡང་ཁྱེད་རང་དྲན་།
             མཚམས་རེ་སེམས་ནང་ཞེས་སྣང་ཆེ་།
             ཁྱེད་རང་ག་པར་ཕྱིན་ཡིན་ནམ་།
ཨ་མ་ལགས་།
             ང་གཡུག་ནས་མ་འགྲོ་རོགས་གནང་།
             ང་ཁྱེ་ལ་དྲེ་ལན་འཇལ་རྒྱུ་ཡོད་པས་།
             ཚེ་ཕྱི་ལ་འཇལ་རྒྱུ་སྨོན་ལམ་ཞུ་།
             ང་ཁྱེད་ཀྱི་ཕྲུ་གུ་སྐྱལ་བའི་སྨོན་།

          

No comments:

Post a Comment